དགེ་འདུན་པ་རྣམས་ཀྱི་ཐོས་བསམ་སློབ་གཉེར་འཕྲོད་བསྟེན་དང་ཆོས་ཀྱི་བྱ་བ་སྐྱོར་བྱ་བའི་སླད། སྨོན་ལམ་ཆོས་རའི་རྒྱབ་ལ་གྲྭ་ཤག་གསར་པ་ཞིག་བཞེངས་ཐུབ་པ་ཡིན།
༧དཔལ་རྒྱལ་བའི་དབང་པོ་ཀརྨ་པ་ཨོ་རྒྱན་འགྲོ་འདུལ་ཕྲིན་ལས་རྡོ་རྗེ་མཆོག་གི་ལམ་སྟོན་འོག། ཕྱི་ལོ་ ༢༠༠༧ ནས་གཟུང་བཀའ་བརྒྱུད་སྨོན་ལམ་ཆེན་མོ་གཙོས་མཛད་རིམ་འདྲ་མིན་གྱི་དོན་དུ་ཆོས་ར་སོགས་མཐུན་རྐྱེན་ཡར་རྒྱས་བཏངས་དང་གཏོང་བཞིན་པ་ལ། གཏོང་ཕོད་ཅན་གྱི་སྦྱིན་པའི་བདག་པོ་རྣམས་ཀྱི་བཀའ་དྲིན་ལ་བརྟེན། དང་པོ་མི་ཁྲི་ལྷག་འཛོམས་སའི་སྨོན་ལམ་ཆེན་མོའི་ཆོས་ར་དང། དེ་རྗེས་ལ་སྨོན་ལམ་སོགས་ལ་ལེབས་མཁན་གྱི་མི་སྟོང་ཕྲག་མང་པོ་ལ་གཙང་སྦྲ་དང་ལྡན་པའི་ཞལ་ལག་བཟོ་ས་དང་མཆོད་སའི་ཐབ་ཚང་དང་། གསོལ་ཚིགས་ཁང་བསྐྲུན་ཟིན་པ་དང་།
འོན་ཀྱང་ལོ་མང་པོའི་རིང་བཀའ་བརྒྱུད་སྨོན་ལམ་དང། བཀའ་བརྒྱུད་དགུན་ཆོས། འཕགས་མ་བདེ་བྱེད་མའི་དགུན་ཆོས་སོགས་ལ་ཚོགས་ཞུགས་གནང་མཁན་གྱི་གྲྭ་བཙུན་སློབ་གཉེར་བ་རྣམས་སྨོན་ལམ་ཆོས་རའི་རྒྱབ་ལོག་ལ་གུར་ནང་དུ་བཞུགས་དགོས་སྟབས། ཟླ་གྲངས་སོགས་དུས་ཡུན་རིང་ཐུང་ལ་མ་ལྟོས་པར་དགུན་ཀར་གནམ་ཤིས་གྲང་མོའི་སྐབས་ཧ་ཅང་གྲང་ལ་རློན་ཚད་ཆེ་བ་དང་། གནམ་གཤིས་ཚ་བ་ཡོད་དུས་ཕྱི་ལོག་ལས་ཀྱང་ཚ་བ་ཆེ་ཞིང་། ལྷགས་པ་ཆེན་པོ་ཡོང་དུས་གུར་ལྷགས་པས་འཁྱེར་ནས་དགེ་འདུན་པའི་ཅ་དངོས་ཐོར་འགྲོ་བའི་དཀའ་ངལ། ལོ་མང་པོའི་རིང་དུ་བེད་སྤྱོད་བཏངས་པ་ལ་བརྟེན་ནས་གུར་རྙིང་པ་ཆགས་པ་ལ་སོགས་པའི་རྐྱེན་གྱིས།
དགེ་འདུན་པ་རྣམས་ཀྱི་ཐོས་བསམ་སློབ་གཉེར་འཕྲོད་བསྟེན་དང་ཆོས་ཀྱི་བྱ་བ་སྐྱོར་བྱ་བའི་སླད། སྨོན་ལམ་ཆོས་རའི་རྒྱབ་ལ་གྲྭ་ཤག་གསར་པ་ཞིག་བཞེངས་ཐུབ་ན། དགེ་འདུན་པ་རྣམས་ལ་གནམ་གཤིས་ཚ་གྲང་གི་དཀའ་སྡུག་ལས་སྲུང་སྐྱོབ་དང་། གཙང་སྦྲ་འཕྲོད་བསྟེན་ཆེ་བར་འགྱུར་བ་ཡིན།
དགེ་འདུན་པ་སུམ་སྟོང་ལྔ་བརྒྱ་ཙམ་གྱི་བཞུགས་གནས་དང་། གྲྭ་བཙུན་རྣམས་ལ་སྡེ་ཚན་སོ་སོའི་ཁང་པ།
བླ་སྤྲུལ་མཁན་སློབ་དགེ་བའི་བཤེས་གཉེན་རྣམས་ཀྱི་ཆེད་དུ་གཟིམས་ཤག་སྒེར་བ།
གནམ་གྲང་བའི་སྐབས་ལ་དྲོད་ཆེ་ཞིང་། ཚ་བའི་སྐབས་ལ་བསིལ་བ། དུས་ཡུན་ཡང་རིང་བ།
གཙང་སྦྲ་དང་འཕྲོད་བསྟེན་བྱེད་རྒྱུར་སྟབས་བདེ་ཞིང་། བཟོ་བཅོས་དང་ལྟ་སྐྱོང་སླ་བ།
ཆོས་བརྒྱུད་གཞན་དག་ལ་གཡར་བོ་བྱ་རྒྱུར་ཕན་པ་དང་། མཚམས་སྒྲུབ་ཀྱི་གཟིམས་ཤག་ཀྱང་ཡོད།
མི་དབུལ་པོ་དང་ས་གནས་ཡུལ་མི་རྣམས་ལ་རིན་མེད་སྨན་བཅོས་མཛད་རིམ་འཚོགས་ས།
སངྒྷ་བི་ཧར་ནི་སྨོན་ལམ་ཆོས་རའི་རྒྱབ་ཏུ་ཡོད་ཅིང་། གྲྭ་པ་དང་བཙུན་མ་གཉིས་ཀྱི་གཟིམས་ཤག་མཐའ་འཁྲིས་སུ་ལྡུམ་ར་ཞིག་ཡོད་པས་ཐུན་མོང་གི་ཁང་པ་རྣམས་ཀྱང་ཉེ་འགྲམ་དུ་ཡོད།
「སྤྱི་ལོ་ ༢༠༢༦ ལོའི་ཟླ་ ༡ ཚེས་ ༦ ཉིན་དགེ་འདུན་གྱི་བཞུགས་གནས་ཁང་གི་ས་གཞི་ལ་༧སྐྱབས་རྗེ་གོ་ཤྲཱི་རྒྱལ་ཚབ་རིན་པོ་ཆེ་མཆོག་གིས་ས་ཆོག་དང་འབྲེལ་བའི་ས་བསླང་བར་མཛད།」སྤྱི་ལོ་ ༢༠༢༦ ཟླ་ ༡ ཚེས་ ༦ · རྡོ་རྗེ་གདན
ཞལ་འདེབས་ཆུང་ཆེ་གང་ཡིན་རུང་། ཐམས་ཅད་འཆར་གཞི་འདིར་བེད་སྤྱོད་བཏང་ངེས།